མཁན་རིན་པོ་ཆེ་དགེ་བཤེས་བྱམས་པ་བློ་བཟང་མཆོག་ནི།
- ཕྱི་ལོ་༡༩༤༦ལོར་བོད་གཉའ་ནང་རྭ་ལོ་ཙྭ་བ་འཁྲུངས་སའི་ཉེར་འགྲམ་དུ་སྐུ་འཁྲུངས།
- དགུང་ལོ་༧་ལ་བོད་གཉའ་ནང་འཕེལ་རྒྱས་གླིང་དུ་ཆོས་བཞུགས་གནང་།
- དགུང་ལོ་༡༣ ནས་༡༧ བར་ལ་བལ་ཡུལ་དུ་དཔལ་འབར་དགེ་བཤེས་རིན་པོ་ཆེའི་དྲུང་ནས་ལམ་རིམ། རིག་གནས། སྨན་རྩིས་སོགས་ལ་སྦྱངས།
- དགུང་ལོ་༡༧ ནས་༥༠ བར་བལ་ཡུལ་འཕེལ་གླིང་གྲྭ་ཚང་དུ་ཐིག་རྡུལ་མཚོན་དང་། དཀྱིལ་འཁོར། ལྷ་རིས། དབྱངས་འཐེན་གར་གསུམ་ལ་སྦྱང་པ་ཐར་ཕྱིན་གནང་། །དེ་ནས་སེ་ར་ཐེག་ཆེན་གླིང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་སྨད་མཁན་ཟུར་རིན་པོ་ཆེ་༧རྗེ་བཙུན་ངག་དབང་ཐེག་མཆོག་དཔལ་བཟང་པོ་མཆོག་དང་། །སེར་བྱས་མཁན་ཟུར་རིན་པོ་ཆེ་བྱམས་པ་ཐེག་མཆོག །སེར་བྱས་རྒན་རབ་བརྟན། །སེར་སྤོམ་༧རྗེ་བཙུན་ཡེ་ཤེས་དབང་ཕྱུག །བློ་གླིང་༧སྐྱབས་རྗེ་དར་མདོ་རིན་པོ་ཆེ་སོགས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་ཐར་ཕྱིན་ནས་དགེ་བཤེས་ལྷ་རམས་ལག་འཁྱེར་སོན།
- དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཤར་བ་ཆོས་རྗེ་བློ་བཟང་ཉི་མའི་དྲུང་ནས་བསྔགས་ཀྱི་སྐྱེས་རྫོགས་ཡོངས་རྫོགས་ལ་གསན་བསམ་ཐར་ཕྱིན་གནང་།
- ཕྱི་ལོ་༡༩༩༦ ནས་༢༠༡༦ ཡས་མས་བར་ལ་ཐ་ཝེན་དང་། སིང་ཀ་པུར། ཨིན་ཊོ་ནེ་ཤི་ཡ། མྭ་ལེ་ཤི་ཡ། ཨ་རིག་སོགས་ལ་མདོ་སྔགས་འཆད་སྤེལ་རྒྱ་ཆེར་གནང་།
- ལྷག་པ་དུ་༧ སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང་། །༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་། །༧སྐྱབས་རྗེ་རྫེ་སྨད་རིན་པོ་ཆེ། །ར་སྟོད་རིན་པོ་ཆེ། །གསེར་སྐོང་མཚན་ཞབས་རིན་པོ་ཆེ་སོགས་ལས་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་གསན།
- ད་ལྟ་དགུང་ལོ་༧༠ ལ་ཕེབས།
ཕྱི་ལོ་༢༠༡༦་ཟླ་བ་༥ ཚེས་༣༠ དང་བོད་རྒྱལ་ལོ་༢༡༤༣ ཟླ་བ་༤ ཚེས་༢༤ ཉིན་བལ་ཡུལ་གཉའ་ནང་འཕེལ་རྒྱས་གླིང་མཁན་པོའི་ཐུགས་འགན་བཞེས།། ། །